《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

ལག་ཁྱེར་མེད་པའི་རླངས་འཁོར་བསྡད། རྩ་ཆེའི་རྒྱན་ཆ་བརླགས་འདིར་ལྟོས།

ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་གྲོང་མི་ཤི་ལོག་ཆེ་གེ་མོས་ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་མཁན་གྱི་རླངས་འཁོར་ཞིག་ལ་བསྡད་པ་དང་། གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་སྒོར་ཁྲི་40ལྷག་ཙམ་རི་བའི་རྒྱན་ཆ་བླུགས་པའི་ཁུག་མ་སེར་པོ་ཞིག་རླངས་འཁོར་ནང་དུ་ལུས། མི་དམངས་ཉེན་རྟོག་པས་དུས་ཡུན་ཆུ་ཚོད་4ཙམ་འབད་བརྩོན་ལྷོད་མེད་ཀྱིས་འཚོལ་རོགས་བྱས་པ་བརྒྱུད། དོ་བདག་ཤི་ལོག་ཆེ་གེ་མོས་བསྡད་པའི་རླངས་འཁོར་དེ་བདེ་བླག་ངང་གཏན་འཁེལ་བྱུང་བ་མ་ཟད། རླངས་འཁོར་དེའི་བདག་པོ་ཅཱ་ཆེ་གེ་མོ་དང་འབྲེལ་བ་བྱེད་ཐུབ་ནས་ཁོ་པར་ཤི་ལོག་ཆེ་གེ་མོའི་ཁུག་མ་ཚུར་སྤྲོད་དགོས་ལུགས་བརྗོད། མིག་སྔར། རྔ་ཆེན་ནུབ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་ཁྲིམས་ལྟར་ཅཱ་ཆེ་གེ་མོ་དང་ཁོ་པའི་རླངས་འཁོར་མཉམ་དུ་ལྷ་ས་གྲོང་ཁྱེར་སྐྱེལ་འདྲེན་དོ་དམ་ཅུས་ཁྲིམས་སྐྱོང་རུ་ཆེན་ལ་སྔར་བས་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

ཟླ་1ཚེས་20ཉིན་གྱི་ཆུ་ཚོད་15ཡོལ་ཙམ་ལ། 110དམངས་ཕན་ཉེན་དོན་ཉིང་ལག་རུ་ཁག་རྔ་ཆེན་ནུབ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ། རང་ཉིད་ཀྱིས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་རིན་ཐང་སྒོར་ཁྲི་40ལྷག་ཙམ་རི་བའི་རྒྱན་ཆ་བླུགས་པའི་ཁུག་མ་སེར་པོ་ཞིག་རླངས་འཁོར་ནང་ལུས་འདུག་པས། མི་དམངས་ཉེན་རྟོག་ཕྱོགས་ཀྱིས་འཚོལ་རོགས་གནང་ཞེས་པའི་ཤི་ལོག་ཆེ་གེ་མོའི་ཉེན་བརྡ་འབྱོར།

འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱས་རྗེས། 110དམངས་ཕན་ཉེན་དོན་ཉིང་ལག་རུ་ཁག་རྔ་ཆེན་ནུབ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་འཕྲལ་དུ་འབྲེལ་ཡོད་ཀྱི་བརྟག་དཔྱད་དང་འཚོལ་ཞིབ་ལས་དོན་སྤེལ་བ་རེད། དོ་བདག་ཤི་ལོག་ཆེ་གེ་མོས་བསྡད་པའི་རླངས་འཁོར་གྱི་ལམ་ཐིག་ཅུང་རིང་བ་དང་ས་ཁོངས་བརྒལ་ཁྱོན་ཆེ་བས་མི་དམངས་ཉེན་རྟོག་པས་བརྟག་དཔྱད་དང་འཚོལ་ཞིབ་བྱེད་པའི་ལས་དོན་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད། དེའི་རིང་། རྔ་ཆེན་ནུབ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ། དུས་ཡུན་ཆུ་ཚོད་4ཙམ་འབད་བརྩོན་ལྷོད་མེད་བྱས་ནས་འཚོལ་རོགས་བྱས་པ་བརྒྱུད། དོ་བདག་ཤི་ལོག་ཆེ་གེ་མོས་བསྡད་པའི་རླངས་འཁོར་དེ་བདེ་བླག་ངང་གཏན་འཁེལ་བྱུང་བ་མ་ཟད། རླངས་འཁོར་དེའི་བདག་པོ་ཅཱ་ཆེ་གེ་མོ་དང་འབྲེལ་བ་ཐུབ་ནས་ཁོ་པར་ཤི་ཆེ་གེ་མོའི་ཁུག་མ་ཚུར་སྤྲོད་དགོས་ལུགས་བརྗོད།

ཉིན་དེའི་ཆུ་ཚོད་19ཡོལ་ཙམ་ལ། ཅཱ་ཆེ་གེ་མོས་རང་ཉིད་ཀྱི་རླངས་འཁོར་ནང་ལུས་པའི་ཤི་ལོག་ཆེ་གེ་མོའི་ཁུག་མ་སེར་པོ་དེ་རྔ་ཆེན་ནུབ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་བསྐྱལ་བ་རེད། ཤི་ལོག་ཆེ་གེ་མོ་དང་ཅཱ་ཆེ་གེ་མོས་མི་དམངས་ཉེན་རྟོག་པའི་མདུན་དུ་ཁུག་མའི་ནང་གི་རྩ་ཆེའི་དངོས་རྫས་དག་གཙང་བཤེར་བྱས་པ་དང་འབྲེལ་མིང་རྟགས་ཀྱང་བཀོད་རྗེས། རྔ་ཆེན་ནུབ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་བོར་བརླག་སོང་བའི་ཅ་དངོས་དེ་དག་ཆད་ལུས་མེད་པར་དོ་བདག་ལ་སྤྲད་པ་རེད།

དེ་རྗེས། མི་དམངས་ཉེན་རྟོག་པས་ཞིབ་དཔྱད་བྱས་པ་བརྒྱུད། ཅཱ་ཆེ་གེ་མོར་གཉེར་སྐྱོང་གི་ཐོབ་ཐང་དང་དྲ་ཐོག་ནས་སྔོན་མངགས་བྱེད་པའི་གཉེར་སྐྱོང་ཐོབ་ཐང་གང་ཡང་མེད་པ་ཤེས་རྟོགས་བྱུང་། ཁོ་པས་བཏང་བའི་རླངས་འཁོར་དེ་ནི་འགྲུལ་པ་སྐྱེལ་འདྲེན་བྱེད་མི་ཆོག་པའི་རླངས་འཁོར་གྱི་ཁོངས་སུ་གཏོགས་པ་དང་། བྱེད་སྤྱོད་དེ་ནི་ཁྲིམས་འགལ་ངང་གཉེར་སྐྱོང་གི་བྱེད་སྤྱོད་ཁོངས་སུ་གཏོགས་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་གྱི་སྲོལ་ཡིག》ལས་འགལ་ཡོད་པ་རེད།

ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་ཞུ་རྒྱུར། རྒྱ་ཆེའི་གྲོང་མི་ཚོས་ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་མཁན་རླངས་འཁོར་གྱི་ཉེན་ཁའི་རང་བཞིན་ལ་ངོས་འཛིན་གསལ་པོ་བྱས་ཏེ་རང་ངོས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བདེ་འཇགས་ལ་དོ་ཁུར་དང་ཚེ་སྲོག་ལ་གཅེས་སྤྲས་ཀྱིས་ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་པའི་རླངས་འཁོར་ནང་སྡོད་མི་རུང་། གཞན་ཡང་། ཕྱིར་སྐྱོད་སྐབས་ངེས་པར་དུ་རང་གི་དངོས་ཟོག་ལ་བདག་པོ་ཡག་པོ་རྒྱག་དགོས། གལ་ཏེ་དངོས་ཟོག་བོར་བརླག་སོང་ཚེ་དུས་ཐོག་ཏུ་110ལ་ཁ་པར་བརྒྱབ་ནས་ཉེན་རྟོག་པར་རོགས་རམ་བྱ་རྒྱུའི་ཉེན་བརྡ་གཏོང་དགོས།