《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

སེམས་རྩ་འཁོལ་བའི་མིས་ས་དགའ་རྫོང་གི་ཉེན་རྟོག་པར་ཁ་རས་བསྐྱལ་བ།

ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་གཉིས་ཁེ་གཉིས་ཕན་སྒོ་རྩིས་ཚོང་ཁང་གི་ཞུས་ཞའོ་ཀྲེན་གྱིས་རྫོང་སྤྱི་བདེ་ཅུས་ཀྱི་ངལ་གསོ་དོར་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་ཁ་རས་གསར་རྐྱང་500ལྷག་ཙམ་བསྐྱལ་བ་དང་སྦྲགས། ཚང་མར་ལས་འགན་སྒྲུབ་སྐབས་ངེས་པར་དུ་འགོག་སྲུང་ཡག་པོ་བྱེད་དགོས་པའི་མངགས་བཅོལ་ཡང་ཡང་བྱས་པ་རེད། བརྩེ་སེམས་མཚོན་པའི་བྱ་སྤྱོད་དེ་ལས་ཁོང་ཚོ་ཚང་མ་སེམས་འགུལ་ཆེན་པོ་ཐེབས་ནས་ད་ཐེངས་ཀྱི་མཉམ་དུ་སྔོན་འགོག་དང་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལས་རྣམ་པར་རྒྱལ་བའི་ཆོད་སེམས་ཆེ་རུ་ཕྱིན་པ་མ་ཟད། མི་དམངས་ཉེན་རྟོག་པར་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་ཀྱང་སྦྱིན།

རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན། རིམས་ནད་མདུན་དུ། ཉེན་རྟོག་པས་ཕྱིར་བཤིག་རྒྱག་མི་སྲིད། དམིགས་བསལ་གྱི་དུས་འདིར་ས་དགའི་ཉེན་རྟོག་པས་ལས་གནས་བརྟན་སྲུང་གིས་དཔྱིད་གསར་དུས་ཆེན་དང་སོ་ནམ་ལོ་གསར་རིང་གི་བདེ་སྲུང་དང་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ཏེ་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ཤིང་། འདི་ནི་ས་དགའ་རྫོང་གི་ཉེན་རྟོག་པས་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།