《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལ“རྒྱལ་ཡོངས་ཁྲོམ་ར་ལྟ་འདོམས་མ་ལག་གི་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། མི་སྤྱི་པུའུ་དང་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《རྒྱལ་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》ཡོངས་བསྒྲགས་བྱས་པ་དང་། བོད་ཀྱི་ཚན་པ་5ལ་རྒྱལ་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། མི་2ལ་རྒྱལ་ཡོངས་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པའི་གཟི་བརྗིད་མཚན་སྙན་སྤྲད་པ་རེད། དེའི་ནང་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ལ“རྒྱལ་ཡོངས་ཁྲོམ་ར་ལྟ་འདོམས་མ་ལག་གི་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

འཕྱོངས་རྒྱས་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་ནོར་ཁྱུང་གིས་གོམ་སྟབས་རྗེས་མར་འཕྱོངས་རྒྱས་རྫོང་གིས་འཛད་སྤྱོད་ཁེ་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་ཐོན་རྫས་ཀྱི་སྤུས་ཚད་འཐེན་བཤེར་ལ་ཤུགས་སྣོན་བརྒྱབ་ནས། ཚོང་རྟགས་དང་སྤུས་རྟགས་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྤུས་རྟགས་དཔལ་འབྱོར་འཕེལ་རྒྱས་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བ། འཕྱོངས་རྒྱས་ཀྱི་ཁྱད་ལྡན་ཐོན་ལས་ཕྱིར་བསྐྱོད་ཐུབ་རྒྱུར་ཁྲིད་སྟོན་བྱས་ནས“ཚོང་རྟགས་སྔོན་ལ་འཕེལ་རྒྱས་གཏོང་བའི”འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད།