《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་གི་དཔྱད་བསྡུར་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཀྲམ་པ།

ཉེ་ཆར། 《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་གི་དཔྱད་བསྡུར་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཀྲམ་པ་རེད། བྱ་ཐབས་དེའི་ནང་བསྟན་པ་གཤམ་གསལ།

ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་བྱེད་པའི་ཐད། ལོ་འཁོར་གྱི་དཔྱད་བསྡུར་ལམ་ལུགས་ལག་བསྟར་བྱས་ནས། ལོ་ལྟར་ལོ་མཇུག་ཏུ། དཔྱད་གདེང་ལས་དོན་གཅིག་སྡུད་ཐོག་སྤེལ་དགོས།

དཔྱད་གདེང་བྱ་ཡུལ་ནི། ས་ཁུལ་དང་གྲོང་ཁྱེར་ཁག་དང་། རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་སྡེ་ཚན(ཚན་པ)(དེའི་ནང་རང་སྐྱོང་ལྗོངས་ཀྱི་མི་དམངས་ཚོགས་པ་ཁག་དང་། རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་རིམ་པ་དང་པོའི་གཞུང་ཁོངས་ཁེ་ལས་དང་མཐོ་རིམ་སློབ་གྲྭ་དང་སློབ་གླིང་བཅས་ཚུད་པ)བཅས་ཡིན་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་ཨུ་ལྷན་གཞུང་ལས་ཁང་གི་འགན་ཁུར་བས། ཁྲིམས་བཞིན་བོད་ལྗོངས་འཛུགས་སྐྱོང་གི་དཔྱད་བསྡུར་ལས་དོན་སྤེལ་རྒྱུའི་སྒྲིག་འཛུགས་བྱེད་དགོས་པ་དང་། དཔྱད་བསྡུར་ལས་དོན་དེ་ས་ཁུལ་དང་གྲོང་ཁྱེར་གྱི་དཔྱད་བསྡུར་དང་། རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་སྡེ་ཚན(ཚན་པ)གྱི་དཔྱད་བསྡུར་གཉིས་ལ་དབྱེ་ཡོད། དཔྱད་བསྡུར་གྱི་གོ་རིམ་ནང་ས་ཁུལ་དང་གྲོང་ཁྱེར་དང་། རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་སྡེ་ཚན(ཚན་པ)གྱིས་རང་གིས་རང་ལ་གདེང་འཇོག་བྱེད་པ་དང་། ལྗོངས་ཏང་ཨུད་ཁྲིམས་བཞིན་བོད་སྐྱོང་ཨུ་ལྷན་གྱིས་ཞིབ་བཤེར་གཏན་འབེབས་བྱེད་པ། ལྗོངས་ཏང་ཨུད་ཁྲིམས་བཞིན་བོད་སྐྱོང་གཞུང་ལས་ཁང་གིས་སྤྱི་ཚོགས་ལ་དཔྱད་བསྡུར་གྲུབ་འབྲས་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་གོ་རིམ་བཞི་ཚུད་ཡོད་པ་རེད།

དཔྱད་བསྡུར་བྱེད་རིང་། ལས་ཀའི་དཔྱད་བསྡུར་དང་སྤྱི་ཚོགས་ཀྱི་དཔྱད་བསྡུར་ཕན་ཚུན་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ་དཔྱད་བསྡུར་ལ་ཕུལ་བྱུང་དང་། ལེགས་པོ། ཚད་ལོན་པ། ཚད་མ་ལོན་པ་བཅས་རིམ་པ་བཞི་དབྱེ་ཡོད།

དཔྱད་བསྡུར་གྲུབ་འབྲས་དེ་ས་ཁུལ་དང་གྲོང་ཁྱེར་དང་། རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་སྡེ་ཚན(ཚན་པ)ས་ཁུལ(ཐིང)རིམ་པ་ཡན་བཅས་ཀྱི་འགོ་ཁྲིད་ལས་བྱེད་པའི་ལས་ཀའི་གྲུབ་འབྲས་དངོས་ཀྱི་ནང་དོན་གཙོ་བོར་བརྩི་རྒྱུ་རེད། ལོ་འཁོར་གྱི་དཔྱད་བསྡུར་དེ་ཕུལ་བྱུང་གི་རིམ་པར་བདམས་ཚེ། ལྗོངས་ཡོངས་སུ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱ་རྒྱུ་རེད།