《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

རོགས་སྐྱོར་ཡག་པོ་བྱས་ནས་ཞབས་འདེགས་ལེགས་པར་ཞུས་པ།

——ལྷ་ས་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་ཁྲིམས་འཛིན་འདྲི་ཞིབ་རྗེས་ཀྱི་ལས་དོན་ཞིབ་ཚགས་བསྒྲུབས་པ།

ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་ལྷ་ས་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས“སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ”ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གཙོ་གནད་ལས་དོན་ལ་དམིགས་པ་དང་རྩ་ལག་མཉམ་བཅོས་འབུར་དུ་ཐོན་པ་བྱས་ཏེ། ཞིབ་བཤེར་གཏན་འབེབས་ལག་བསྟར་དང་། གྱོད་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བ། བསྐྱར་འདྲི་སློབ་གསོ། སྤུས་ཚད་དཔྱད་ཞིབ་བཅས་དམ་འཛིན་བྱ་གཞིར་བརྩིས་ནས་གྱོད་གཞི་འདྲི་ཞིབ་ཀྱི་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

ཞིབ་བཤེར་གཏན་འབེབས་དང་ལག་བསྟར་གལ་ཆེ་མཉམ་དུ་འཛིན་པ།

ཞིབ་བཤེར་གཏན་འབེབས་ཟུང་གི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས། སྒྲིག་འགལ་ཁྲིམས་འགལ་གྱི་དོན་དངོས་དང་། འབྲེལ་ཡོད་དཔང་རྟགས་དང་ཏང་གི་སྒྲིག་ཁྲིམས་བཅའ་ཁྲིམས་ཀྱི་སྤྱོད་འཐུས་ལ་གནད་འགག་དམ་འཛིན་དང་ཞིབ་བཤེར་གཏན་འབེབས་བྱས་ཡོད་ལ། གྱོད་གཞི་ཐེར་འདོན་དང་མངོན་མིན་གྱི་ལས་རིགས་རང་བཞིན་དང་། མ་ལག་རང་བཞིན། ཁྱབ་ཁོངས་རང་བཞིན་བཅས་ཀྱི་གནད་དོན་ལ་ཞིབ་བཤེར་གཏན་འབེབས་བྱས་ནས། གྱོད་གཞི་དེ་རང་གི་སྒྲིག་འགལ་ཁྲིམས་འགལ་གནད་དོན་ལ་ཞིབ་བཤེར་མཐིལ་ཕྱིན་པ་བྱས་པ་རེད། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་གྱོད་གཞི་འདྲི་ཞིབ་ལས་དོན་གྱི་སྲོལ་ཡིག་ལ་ནན་པོར་གཞིགས་ནས། དུས་བཀག་ཐོག་ཆད་པ་ཕོག་པའི་མི་སྣར་ཆད་གཅོད་གཏན་འབེབས་ཡོངས་བསྒྲགས་བྱས་པ་དང་། བསམ་འཆར་དང་གྲོས་འགོ་ཉན་ཏེ། བསམ་བློ་སློབ་གསོའི་ལས་དོན་ཡག་པོ་བསྒྲུབས་ནས་ལམ་ལུགས་ཀྱི་ཞན་ཆ་སེལ་བ་དང་སྲིད་གཙང་ཉེན་ཁ་སྔོན་འགོག་ཐད་སྔོན་ཚུད་ནས་ལས་དོན་བསྒྲུབས་ཡོད། ཆད་པ་ཕོག་པའི་མི་སྣ་ས་གནས་དེ་རང་དུ་མེད་རིགས་ལ་ཕྱིར་སྐྱོད་པ་དང་ཁ་པར་སོགས་ཀྱི་ཐབས་ལམ་ནས་ཆད་གཅོད་གཏན་འབེབས་ཡོངས་བསྒྲགས་བྱས་པ་མ་ཟད་བསམ་འཆར་བསྡུ་ལེན་བྱས་ཡོད།

2019ལོར་འདྲི་ཞིབ་སྡེ་ཚན་གྱིས་བསྡོམས་རིགས་ཁག་གི་སྒྲིག་འགལ་ཁྲིམས་འགལ་གྱོད་གཞི་145བདག་སྤྲོད་བྱས་པ་ལས། རིམ་པ་དེ་རང་དུ་གྱོད་དོན་ཐོ་འགོད་བྱས་པའི་གྱོད་གཞིའི་མི་77(ཉེས་གསོག་དོགས་ཅན་3ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་པ)ཐག་གཅོད་བྱས་པ་དང་། མི་61ལ་ཏང་གི་སྒྲིག་ཁྲིམས་སྲིད་དོན་ཆད་པ་བཅད་པ། མི་8ལ་བསླབ་འདོམས་སྐུལ་ལྕག་བྱས་པ། མི་2ལ་སྐོང་འདྲི་བྱས་པ། གཞན་མི་5ལ་ཐག་གཅོད་བྱས་པ་དང་། ཆད་པ་ཕོག་པའི་མི་སྣ་ཡོངས་ལ་དུས་བཀག་ལྟར་ཆད་གཅོད་གཏན་འབེབས་ཡོངས་བསྒྲགས་བྱས་པ་རེད།

བསྐྱར་འདྲི་དང་སློབ་གསོའི་ཞབས་འདེགས་གཉིས་ཀ་ཞུས་པ།

“ཆེད་མིས་འབྲེལ་མཐུད་དང་། རྟག་ཏུ་ཐོ་འགོད། ཆ་ཚང་ཐོ་འགོད། དུས་ཐོག་ཏུ་ཡིག་ཚགས་ནང་འཇུག་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། 《ཆད་པ་ཕོག་པའི་མི་སྣར་བསྐྱར་འདྲི་དང་བསྐྱར་ཞུ་བསྐྱར་ཞིབ་ཀྱི་གྱོད་གཞི་སྒྲུབ་གཉེར་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་ལྟར། མཁྲེགས་བཟུང་གི་བསམ་བློར་འགྱུར་ལྡོག་བཏང་བ་དང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ་བསྐྱར་འདྲི་སློབ་གསོའི་ལས་དོན་གྱི་ཇུས་གཞི་ཧུར་ཐག་བཟོས་པ་དང་། ཆད་པ་ཕོག་པའི་མི་སྣ་གནས་སའི་ཚན་པ་དང་ཏང་རྩ་འཛུགས་ལ་གཞོགས་འདེགས་བྱས་ཏེ། ཐུན་མོང་ཐོག་རོགས་སྐྱོར་ཡག་པོ་བྱས་ཡོད། སྙིང་གཏམ་ཤོད་རེས་དང་། ཉེན་ཟོན་སློབ་གསོ་སོགས་རྒྱུན་གཏན་གྱི་བྱེད་སྒོ་སྤེལ་ནས་ཆད་པ་ཕོག་པའི་མི་སྣར་གང་མགྱོགས་ངོས་འཛིན་བྱེད་སྟངས་སྒྱུར་བ་དང་། ནོར་འཁྲུལ་ཡོ་བསྲང་། རང་འགན་གཙང་སྒྲུབ་དང་ལས་འགན་སྒྲུབ་པའི་སེམས་ཤུགས་འཕེལ་བ། རྩ་འཛུཌ་ཀྱི“དྲོ་སྐྱིད”ལ་བརྟེན་ནས་བསམ་བློར་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ་སློབ་གསོ་རྒྱུན་རྣམ་ཅན་དང་། ལམ་ལུཌ་ཅན། མི་གཤིས་ཅན་བཅས་ཡོང་བ་བྱས་ཡོད།

2019ལོར་ལས་ཁུངས་ཀྱི་འདྲི་ཞིབ་སྡེ་ཚན་གྱིས་སྐད་ཆ་ཤོད་པའམ་ཡང་ན་ཁ་པར་གྱི་རྣམ་པའི་ཐོག་ནས་ཆད་པ་ཕོག་པའི་མི་སྣར་བསྐྱར་འདྲི་ཐེངས་8བྱས་པ་དང་། མཛུབ་ཁྲིད་མངགས་གཏོང་ཚན་པར་གཞོགས་འདེགས་བྱས་ཏེ་ཆད་པ་ཕོག་པའི་མི་སྣ་གནས་སའི་ཚན་པ་དང་ཏང་རྩ་འཛུགས་སུ་རོགས་སྐྱོར་བྱེད་སྒོ་ཐེངས་30ལྷག་ཙམ་སྤེལ་ཡོད།

གྱོད་དཔེར་བརྟེན་ནས་ཡོ་བསྲང་ལ་སྐུལ་འདེད་བཏང་སྟེ་

གཞི་གཅིག་ཅན་གྱི་ལག་བསྟར་བྱས་པ།

གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཉེ་འགྲམ་དུ་ཐོན་པའི་གྱོད་དཔེ་ཡག་པོ་སྤྱད་ནས་དེ་རྗེས་ཀྱི་འདྲི་ཞིབ་དང་འབྱུང་རྩ་སྔོན་འགོག་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི《རྩ་ལག་མཉམ་བཅོས་བྱེད་ཟབ་ཏུ་བཏང་སྟེ་གྱོད་དཔེར་བརྟེན་ནས་ཡོ་བསྲང་ལ་སྐུལ་འདེད་གཏོང་རྒྱུའི་ལས་དོན་སྐོར་གྱི་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》གྱི་བླང་བྱ་དང་ཟུང་འབྲེལ་བྱས་ནས། 《ལྷ་ས་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྱོད་དཔེར་བརྟེན་ནས་ཡོ་བསྲང་ལ་སྐུལ་འདེད་གཏོང་བའི་བརྡ་ཐོའི་ཡིག་ཆའི》མ་དཔེ་བཟོས་པ་དང་ལྟ་འདོམས་ཞིབ་བཤེར་ཁང་གི་སྣེ་ཁྲིད་དེ་གྱོད་དཔེར་བརྟེན་ནས་ཡོ་བསྲང་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། གྱོད་དཔེར་བརྟེན་ནས་གཙོ་གནད་ཁུལ་ཁོངས་དང་། ལས་རིགས། ཁྱབ་ཁོངས་བཅས་ཀྱི་སྲིད་གཙང་ཉེན་ཁའི་གནས་གྲལ་བཤེར་བྱས་པ་དང་སྦྲགས། གཙོ་གཉེར་སྡེ་ཚན་ལ་ལམ་ལུགས་ཀྱི་ཞན་ཆ་སེལ་བའི་ཞིབ་ཕྲའི་གྲོས་འགོ་བཏོན་ནས“གྱོད་གཞི་གཅིག་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། གནད་དོན་རིགས་གཅིག་ཐག་གཅོད་བྱེད་པ། ལམ་ལུགས་ཆ་ཚང་འཐུས་ཚང་དུ་གཏོང་བ། ཁྱབ་ཁོངས་གཅིག་ཚད་ལྡན་དུ་གཏོང་བ། ལས་བྱེད་པ་ཁག་གཅིག་ལ་དྲན་སྐུལ་བྱེད་པ”བཅས་ཀྱི་ཕྱོགས་བསྡུས་ཆད་གཅོད་སྔོན་འགོག་གི་ཕུགས་ཕན་ལམ་སྲོལ་མཉམ་དུ་བཙུགས་ཡོད།

2019ལོར་སྔ་རྗེས་སུ་གྱོད་དཔེར་བརྟེན་ནས་ཡོ་བསྲང་ལ་སྐུལ་འདེད་གཏོང་བའི་སྒྲིག་ཁྲིམས་ཞིབ་བཤེར་གྱི་གྲོས་འགོའི་ཡི་གེ་11དང་། ལྟ་ཞིབ་གྲོས་འགོའི་ཡི་གེ་18 གྱོད་དཔེར་བརྟེན་ནས་ཡོ་བསྲང་ལ་སྐུལ་འདེད་གཏོང་བའི་བརྡ་ཐོ་15 གྲོས་འགོའི་དག་ཐེར་ཡི་གེ་37 སྒྲིག་སྲོལ་ལམ་ལུགས་5འཛུགས་པའམ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་ཡོད།

སྤུས་ཚད་ཞིབ་བཤེར་ལ་ཐབས་ཤེས་སྣ་ཚོགས་སྤྱད་པ།

གྱོད་གཞིའི་སྤུས་ཚད་དཔྱད་ཞིབ་དང་ཆད་གཅོད་གཏན་འབེབས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་དགོས་པའི་སྐོར་གྱི་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱི་བླང་བྱ་གཞིར་བཟུང་། རྩ་འཛུགས་དང་མི་སྤྱི་སོགས་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཆེད་དོན་ཞིབ་བཤེར་ཚོགས་ཆུང་བཙུགས་པ་དང་། དུས་བཀག་ནང་ཆད་གཅོད་ལག་བསྟར་དང་དོན་འཁྱོལ་གནས་ཚུལ་དང་དེ་བཞིན་གྱོད་གཞིའི་སྤུས་ཚད་དཔྱད་ཞིབ་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ནས་གཙོ་གནད་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱོད་གཞིའི་སྤུས་ཚད་དཔྱད་ཞིབ་དང་ཆད་གཅོད་ལག་བསྟར་གནས་ཚུལ་ལ“ལེབ་བཤེར་རྣམ་པའི”གྲལ་བཤེར་བྱས་ཡོད། གྱོད་དོན་ཡིག་ཆ་དང་མི་དོན་ཡིག་ཚགས་ལྟ་འཐེན་དང་། བཞུགས་མོལ་མཉམ་འགུལ། སྙན་སེང་ཉན་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཞིབ་བཤེར་ཚོགས་ཆུང་གིས་གཙོ་གནད་ཐོག་ཆད་གཅོད་ལག་བསྟར་གྱི“ལྗིད་ཡང་དལ་བྲེལ་”ལུགས་དང་མཐུན་མིན་དང་། གྱོད་གཞི་སྒྲུབ་གཉེར“ངོ་བོ་གཏན་འཁེལ་དང་བྱས་ཉེས་ཚད་འབེབས”གནད་འཁེལ་ལུགས་མཐུན་བྱུང་མིན་ལ་བལྟས་ཏེ་ཆད་གཅོད་ལག་བསྟར་གནད་འཁེལ་མ་བྱུང་བ་དང་། ཡིག་ཚཌ་དབྱེ་འབྱེད་དུས་ཐོག་ཏུ་མ་བྱས་པ། གྱོད་གཞིའི་སྤུས་ཚད་ཡག་པོ་མ་བྱུང་བ་བཅས་ས་གནས་ས་ཐོག་ཏུ་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། འབྲེལ་ཡོད་གནད་དོན་གྱི་ཁུངས་སྣེ་དབྱེ་འབྱེད་བྱས་རྗེས་གཙོ་འགན་དོ་དམ་སྡེ་ཚན་ཁག་ལ་སྙན་སེང་ཞུས་ནས་ཆད་པ་ཕོག་པའི་མི་སྣའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱས་ཡོད།

2019ལོར་ལྷ་ས་གྲོང་ཁྱེར་གྱིས་ཆད་གཅོད་གཏན་འབེབས་ལག་བསྟར་གནས་ཚུལ་ལ་བརྟག་དཔྱད་བྱེད་རིང་། མི་327ལ་དངོས་སུ་ཞིབ་བཤེར་བྱས་པ་དང་། མི་321གི་ཆད་གཅོད་གཏན་འབེབས་ཡིག་ཚགས་ཁོངས་སུ་བཅུག་པ། གྱོད་གཞི་84ཡི་སྤུས་ཚད་ཞིབ་དཔྱད་བྱས་པ་དང་གནད་དོན་སྣ་ཚོགས་27ཤེས་རྟོགས་དང་སྙན་སེང་ཞུས་ཡོད། ཞིབ་བཤེར་དང་ཚུར་ལན་ལས་ལྷ་ས་གྲོང་ཁྱེར་གྱི་ཏང་སྒྲིག་སྲིད་དོན་ཆད་གཅོད་གཏན་འབེབས་ལག་བསྟར་བྱས་ཚུལ་སྤྱིར་ན་གནད་ལ་འཁེལ་བ་དང་གྱོད་གཞིའི་སྤུས་ཚད་རིམ་བཞིན་མཐོ་རུ་ཕྱིན་ཡོད།