《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

ཀུན་སེམས་གཅིག་ཏུ་བསྒྲིལ་ནས་རིམས་ནད་ལ་འགོག་རྒོལ་བྱེད།

པར་དང་པོ་ནི་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་སྨན་པས་བརྟག་དཔྱད་རེའུ་མིག་ལ་ལྟ་བཞིན་པ།

པར་གཉིས་པ་ནི་ཟླ་2ཚེས་4ཉིན། ལྷ་ས་གྲོང་ཁྱེར་གཙུག་ལག་ཁང་གི་ཐང་ཆེན་དུ། ལྷ་ས་གྲོང་ཁྱེར་མ་འཇོག་ཅེ་ཏཱ་ཀུང་སིའི་ཁོར་ཡུག་འཕྲོད་བསྟེན་མི་སྣས་གད་གཞོང་ལ་ཕྱི་བདར་དང་དུག་སེལ་བྱེད་བཞིན་པ།

པར་གསུམ་པ་ནི་དང་བླངས་པས་མང་ཚོགས་ལ་ཁ་རས་རྒྱག་སྟངས་སློབ་བཞིན་པ།

པར་བཞི་པ་ནི་འཕྱོངས་རྒྱས་རྫོང་ཨུད་དྲིལ་བསྒྲགས་པུའི་ལས་བྱེད་པས་རྫོང་གྲོང་གི་ཁྲོམ་གཞུང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

པར་ལྔ་པ་ནི་ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་དངོས་ཟོག་ལ་ཞིབ་བཤེར་བྱེད་བཞིན་པ།

པར་དྲུག་པ་ནི་ཟླ་1ཚེས་25ཉིན། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པ་20ཡིས་ཅུས་ཏང་ཨུད་ལ་རུ་མི་ཚང་མས་མིང་རྟགས་བཀོད་པ་དང་མཛུབ་ཐེལ་བརྒྱབ་ནས་རིམས་འགོག་དམག་འཐབ་ལ་ཞུགས་ཆོག་པའི་ཞུ་ཡིག་ཅིག་ཕུལ་བ།

པར་བདུན་པ་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་ཏོག་གསར་གློ་ཚད་སྐབས་འཕྲལ་ཞིབ་བཤེར་ས་ཚིཌ་ཀྱི་སྨན་དོན་མི་སྣས་མང་ཚོགས་ལ་ཚ་བ་ལྟ་བཞིན་པ།

པར་བརྒྱད་པ་ནི་ལྷ་ས་གོང་དཀར་གནམ་ཐང་གི་ལས་དོན་མི་སྣས་རླངས་འཁོར་ལ་དུག་སེལ་བྱེད་བཞིན་པ།