《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

ཀུན་སེམས་གཅིག་སྒྲིལ།

ཏོག་གསར་གློ་ཚད་ཐོན་རྗེས་རང་ལྗོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་སེམས་ཁྲལ་ཆེན་པོ་བྱུང་ཡོད། རིམས་ནད་ཐོན་སྐབས་རིམས་ནད་ཀྱི་འཐབ་ས་མདུན་མར་འབད་འཐབ་བྱེད་མཁན་ལས་དོན་མི་སྣ་ཙམ་མ་ཟད་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཡོངས་ཀུན་སེམས་གཅིག་སྒྲིལ་ངང་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབོད་སྐུལ་དང་ལེན་ཞུས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ནང་ཧུར་ཐག་ཞུགས་ནས་ནུས་ཤུགས་གང་ཡོད་ཀྱིས་རིམས་ནད་ཀྱི་དམག་འཐབ་ལས་རྣམ་པར་རྒྱལ་ཕྱིར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།འདི་ནི་བོད་ལྗོངས་ཧྲེན་ཁྲེང་ཁང་མིང་ཚད་ཡོད་ཀུང་སིའི་ལས་དོན་མི་སྣས་གོང་དཀར་གནམ་ཐང་གི་ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་སྨན་དོན་མི་སྣར་མིག་སྲུང་མིག་ཤེལ་སོགས་འགོག་སྲུང་དངོས་པོ་སྤྲོད་བཞིན་ཡོད་པ།