《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

རིན་སྤུངས་རྫོང་དར་རྒྱས་གྲོང་ཚོས་མང་ཚོགས་དབུལ་པོ་7ལ་ཁེ་སྤོགས་བགོས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རིན་སྤུངས་རྫོང་བདེ་སྐྱིད་གླིང་གྲོང་རྡལ་དར་རྒྱས་གྲོང་ཚོའི་སྨོན་ཚང་ངལ་ནུས་ཕྱིར་གཏོང་མཉམ་ལས་ཁང་གིས་2019ལོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཁེ་སྤོགས་བགོ་བའི་མཛད་སྒོ་འཚོགས་པ་དང་། དར་རྒྱས་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་7ལ་ཁེ་སྤོགས་སྒོར་ཁྲི་10.45རག་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དར་རྒྱས་གྲོང་ཚོར་བཅའ་སྡོད་རིན་སྤུངས་རྫོང་ཨུད་དྲིལ་བསྒྲགས་པུའུ(རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས)ཡི་ལས་དོན་རུ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་སྨོན་ཚང་ངལ་ནུས་ཕྱིར་གཏོང་མཉམ་ལས་ཁང་2019ལོའི་ཟླ་8པར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། གཙོ་བོ“མཛོ་མོའི་གསོ་ཚགས་ར་བ+ངལ་ནུས་ཕྱིར་གཏོང་མཉམ་ལས་ཁང+ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི”གཉེར་སྐྱོང་བྱེད་སྟངས་སྤྱད་ཡོད། གཉེར་སྐྱོང་བྱས་ཚུན་དུ། མཉམ་ལས་ཁང་གིས་མང་ཚོགས་དབུལ་པོ་ཕྱུགས་རིགས་གསོ་ཚགས་ཐོན་ལས་ལ་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མང་ཚོགས་7ལ་ཟླ་རེར་གླ་ཕོགས་སྒོར་4000ཙམ་ཡོད་པའི་ཡུན་རིང་གི་ལས་ཀ་སྤྲད་པ་མ་ཟད། ལས་ཀ་བྱེད་འདོད་ཡོད་ལ་དཀའ་སྡུག་བཟོད་ཐུབ་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མང་ཚོགས་གཞན་དག་ལ་གནས་སྐབས་ཀྱི་ལས་གནས་མཁོ་འདོན་བྱས་པ་དང་། མང་ཚོགས་དབུལ་པོ་22ལ་ཕན་པ་ཐོབ་པར་སྣེ་ཁྲིད་བྱས་པས། དུད་ཚང་དབུལ་པོའི་ཧུར་སེམས་སྐོང་འཐེན་ནུས་ལྡན་ཐུབ་པ་དང་ནང་གནས་ཀྱི་སྒུལ་ཤུགས་འཕེལ་ཡོད་པ་རེད།

(བསྟན་འཛིན་བཟང་མོས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)