《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

དཔལ་མགོན་རྫོང་ཁོངས་སུ་གངས་ཆེན་པོ་བབས་པས་འགྲིམ་འགྲུལ་ཤར་གཏོང་ཡོང་ཆེད་ཉེན་རྟོག་པ་ཚོས་གངས་བཤངས་པ།

2020ལོའི་ཟླ་1ཚེས་4དང་5ཉིན། དཔལ་མགོན་རྫོང་ཁོངས་སུ་མཐུག་ཚད་ལི་སྨི་10ཙམ་གྱི་གངས་ཆེན་པོ་བབས། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད། དཔལ་མགོན་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་རྫོང་དང་། གྲོང་རྡལ། ཤང་བཅས་ཀྱི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཡོངས་བཀོད་སྒྲིག་བྱས་ནས་གངས་བཤངས་ཏེ་འགྲིམ་འགྲུལ་ཤར་གཏོང་བྱས་པ་རེད།

ལམ་ངོས་ཀྱི་གངས་གཤོང་རིང་གསར་འགོད་པས་གྲང་ངར་ཆེ་བའི་གནམ་གཤིས་འདི་ལྟ་བུར་གངས་གཤོང་དོན་གང་ཡིན་ཞེས་སྐད་ཆ་འདྲི་སྐབས། མི་དམངས་ཉེན་རྟོག་པ་ཚོས“ང་ཚོ་ནི་མི་དམངས་ཉེན་རྟོག་པ་ཡིན་པས་རེད”ཅེས་བཤད་བྱུང་།

དཔལ་མགོན་རྫོང་སྤྱི་བདེ་ཅུས་ཀྱིས་རྒྱལ་ལམ་317དཔལ་མགོན་ནས་མན་ཐང་བར་གྱི་ལམ་དུམ་སོགས་སུ་གངས་གསོག་མང་པོ་ཐེབས་འདུག་པས་རྒྱ་ཆེའི་ཁ་ལོ་བ་ཚོར་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།