《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས།

རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ན་ནིང་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ཀྱིས་ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆ་འཕྲིན་འབྲེལ་མཐུད་དང་། དུས་བཀག་གྲོས་མོལ། ཁུངས་སྣེ་རྩིས་སྤྲོད། སྙན་ཞུ་ཚུར་ལན། མཉམ་འབྲེལ་གྱོད་སྒྲུབ། འགན་འཁྲི་རྩད་གཅོད་སོགས་ཀྱི་ལམ་ལུགས་རབ་དང་རིམ་པ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཕུགས་ཕན་ཅན་བཅས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་ཆེད་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད་པ་རེད།

ཉིང་ཁྲི་གྲོང་ཁྱེར་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཁོངས་ཞུགས་ཚན་པས་ལས་འགན་ནན་ཏན་སྒྲུབ་པ་དང་། འགན་འཁྲི་ཁུར་ཕོད་པ། འབྲེལ་གཏུག་བྱེད་མཁས་པ་བཅས་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རིང“ཁྱིམ་ཚང་གཅིག་གི་དོན་དག”དེ“ཚང་མའི་དོན་དག”ལ་གྱུར་བའི་འགན་ལེན་བྱ་ཆེད། ཉིང་ཁྲི་གྲོང་ཨུད་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་དང་ཁོངས་ཞུགས་ཚན་པའི་དབར་རྒྱུན་གཏན་འབྲེལ་གཏུག་བྱེད་པའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། ཁོངས་ཞུགས་ཚན་པ་ཁག་གིས་འབྲེལ་གཏུག་སྡེ་ཚན་ཞིག་ཁ་གསལ་བཟོ་བ་དང་ཆེད་མངགས་འབྲེལ་གཏུག་པ་བཀོད་སྒྲིག་བྱས་ཏེ་མཉམ་སྒྲུབ་འབྲེལ་གཏུག་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད། དེ་དང་ཆབས་ཅིག་དོན་དག་གལ་ཆེ་རིགས་སྙན་སེང་ཞུ་བའི་གོ་རིམ་ཞིབ་ཚགས་སུ་བཏང་སྟེ་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཆེ་རིགས་ཞིབ་བཤེར་ཐག་གཅོད་ཀྱི་སྒྲིག་འཛུགས་མཐུན་སྦྱོར་ལམ་སྲོལ་བཙུགས་པས། རང་འགན་རང་སྒྲུབ་དང་། ཤུགས་སྒྲིལ་མཉམ་སྒྲུབ། ཕན་ཚུན་གཞོགས་འདེགས་བཅས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་ལས་དོན་གྱི་རྣམ་པ་སྔར་བས་བཟང་པོ་ཆགས་ཡོད་པ་རེད།

ཞིབ་བཤེར་བརྟག་ཞིབ་དང་དཔང་རྟགས་འཚོལ་བའི་ལས་དོན་སྤེལ་རིང་གནས་པའི་གནད་དོན་ལ་དམིགས་ནས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་འགུལ་ངང་རྩ་འཛུགས་དང་། རྒྱལ་ཁབ་ས་ཆ། སྡོད་ཁང་འཛུགས་སྐྲུན། དངུལ་ཁང། གློག་འཕྲིན་ཁེ་ལས་སོགས་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2019ལོའི་ཟླ་9པའི་ཚུན་དུ། ཆེད་དོན་མཐུན་སྦྱོར་ཚོགས་འདུ་སྔ་རྗེས་སུ་ཐེངས་6འཚོགས་ནས་འབྲེལ་ཡོད་ལམ་ལུགས་ཀྱི་འཆར་ཟིན་བཀོད་རྗེས། ཡིག་ཐོག་བསམ་འཆར་བསྡུ་ལེན་ཐེངས་80ལྷག་ཙམ་བྱས་པ་དང་། ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཞིབ་བཤེར་བརྟག་ཞིབ་དང་དཔང་རྟགས་འཚོལ་བའི་ལས་དོན་སྤེལ་རིང་། ཞིབ་མཆན་གོ་རིམ་དང་། ཆེད་མིས་སྒྲུབ་གཉེར། དུས་བཅད་གཏན་འབེབས། ལྟ་སྐུལ་ཞིབ་བཤེར། འགན་འཁྲི་རྩད་གཅོད་སོགས་ཀྱི་དོན་དག་རེ་རེ་བཞིན་ཁ་གསལ་བཟོས་ཏེ་ཞིབ་བཤེར་བརྟག་ཞིབ་དང་དཔང་རྟགས་འཚོལ་བའི་ལས་དོན་གྱི་ལམ་ལུགས་མ་ལག་ཅིག་ཆགས་པ་བྱས་ནས་ཞིབ་བཤེར་བརྟག་ཞིབ་དང་དཔང་རྟགས་འཚོལ་བའི་ལས་དོན་སྤེལ་ཆེད། ཚད་ལྡན་ལ་ནུས་པ་ཆེ་བའི་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད་པ་རེད། (དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)