《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་སྣམ་ཞྭ་སྲོལ་རྒྱུན་ཆེད་ལས་མཉམ་ལས་ཁང་2013ལོར་བཙུགས་པ་དང་། ལོ་མང་གོང་འཕེལ་སོང་ནས་ད་ཆ་རིམ་རྩིས་བྱས་ན་ཡུལ་དེ་གའི་དུད་ཁྱིམ་དབུལ་པོའི་མི་15ལ་ལས་ཀ་བཀོད་སྒྲིག་བྱས་ཤིང་། དུད་ཁྱིམ་62ལ་ཡོང་འབབ་བགོ་བཤའ་བརྒྱབ་ནས་དུད་ཁྱིམ་དབུལ་པོ་ཁག་གཅིག་དབུལ་སྒྲོལ་ཕྱུག་འགྱུར་བྱུང་ཡོད། འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་སྣམ་ཞྭ་སྲོལ་རྒྱུན་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་བས་འབྲི་གུང་སྣམ་བུའི་ཞྭ་མོ་གཤོམ་བཞིན་པ།