《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

ཁྲེང་ཀོན་ཆུས་ཀརྨ་དགོན་གསར་སྲང་ལམ་གྱིས།

བཅའ་ཁྲིམས་འཆད་ཁྲིད་གཉེར་ནས་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། སྡེ་ཁུལ་གྱི་གྲོང་མིའི་བཅའ་ཁྲིམས་དགོས་མཁོ་བསྐངས་ཏེ། རང་རྟོགས་ཀྱི་ཁྲིམས་སྲུང་འདུ་ཤེས་དང་ཁྲིམས་བཞིན་ཁེ་དབང་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲིམས་འཛིན་སུའོ་ཡིས་གྲོང་ཚོ(གྲོང་ལྷན)གྱི་བཅའ་ཁྲིམས་བློ་འདྲི་དང་བོད་ལྗོངས་དངོས་སྒྲུབ་ཁྲིམས་རྩོད་ལས་དོན་ཁང་གི་ཁྲིམས་རྩོད་པ་2གདན་དྲངས་ཏེ། མང་ཚོགས་དང་འབྲེལ་བ་ཟབ་པའི་བཅའ་ཁྲིམས་ཀྱི་ཤེས་བྱར་བརྟེན་ནས་སྤེལ་རེས་ཀྱི་འབྲེལ་ཟམ་བསྐྲུན་པ་དང་། ཁོངས་གཏོགས་ཁུལ་གྱི་གྲོང་མི་150ལྷག་ཙམ་ལ་བཅའ་ཁྲིམས་ཤེས་བྱའི་འཆད་ཁྲིད་གཉེར་ཏེ། གྲོང་མི་དེ་བས་མང་བས་བཅའ་ཁྲིམས་ལ་བརྟེན་ནས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཐུབ་པར་བྱས་པ་རེད།

གྲོང་མིས་བཅའ་ཁྲིམས་ཤེས་བྱ་ལྷོད་པོས་སྦྱོང་ཐུབ་པ་བྱ་ཆེད། ཁྲིམས་རྩོད་པ་2ཀྱིས་ཅི་འཕྲོས་མོལ་འཕྲོས་ཀྱིས་རྣམ་པའི་ཐོག་ནས་གྲོང་མིར་སློབ་ཚན་འཁྲིད་པ་དང་སྤེལ་རེས་བྱས་པ་དང་། དཔེ་མཚོན་གྱོད་དཔེར་བརྟེན་ནས་ཁང་པ་བསྐྲུན་པའི་རྩོད་གཞི་དང་ལས་འཛོལ་གྱི་བཅའ་ཁྲིམས་དང་། བདེ་འཇགས་ཐོན་སྐྱེད་ཀྱི་གྲོས་མཐུན། འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ། དེ་བཞིན་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཇི་ལྟར་བྱེད་དགོས་པ་བཅས་ལ་གསལ་འགྲེལ་བརྒྱབ་པ་རེད། དེ་དང་ཆབས་ཅིག་ད་དུང་ཁང་པ་བསྐྲུན་པའི་ལས་འཛོལ་དང་རྩོད་གཞིའི་གནད་དོན་དང་ཟུང་འབྲེལ་བྱས་ཏེ་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འཆར་ཁྲིད་བརྒྱུད་རིམ་ཡོངས་བཅའ་ཁྲིམས་བློ་འདྲིས་བོད་སྐད་ནས་འགྲེལ་བཤད་བརྒྱབ་པར་གོ་བདེ་རྟོགས་སླ་དང་མང་ཚོགས་ཀྱི་འཚོ་བ་དང་ཉེ་ཞིང་། དོན་ཟབ་ཚིག་གསལ་གྱི་འགྲེལ་བཤད་བརྒྱུད་སྡེ་ཁུལ་གྱི་གྲོང་མིས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་ངོས་འཛིན་སྔར་བས་གསལ་པོ་བྱུང་བ་མ་ཟད། གྲོང་མིའི་རང་ངོས་ཁྲིམས་སྲུང་དང་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཀྱང་སྔར་བས་ཟབ་ཏུ་སོང་བ་རེད།

འཆད་ཁྲིད་མཇུག་འགྲིལ་རྗེས། གྲོང་མི་མི་ཉུང་བ་ཞིག་གིས་འཆད་ཁྲིད་དང་ས་གནས་ས་ཐོག་གི་བློ་འདྲི་བརྒྱུད། རྣམ་ཀུན་འཚོ་བར་ཕྲད་པའི་བཅའ་ཁྲིམས་ཀྱི་གནད་དོན་ལ་ལན་རྙེད་སོང་། བཅའ་ཁྲིམས་ཤེས་བྱ་སྦྱངས་པས་བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་སོང་ནས་ཁྲིམས་ཤེས་པ་དང་ཁྲིམས་རྟོགས་པའི་མི་ཞིག་བྱས་ཏེ་བཅའ་ཁྲིམས་ཀྱི་ཤེས་བྱར་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་གི་ཡིན། དེས་མ་ཟད་སྡེ་ཁུལ་གྱིས་སླད་ཕྱིན་ཁྲིམས་སྐྱོང་ཤེས་བྱའི་འཆད་ཁྲིད་འདི་ལྟ་བུ་མང་ཙམ་གཉེར་ནས་གྲོང་མིའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།