《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

ཉིང་ཁྲི་གྲོང་ཁྱེར་གྱིས་ཁྲིམས་བསྟར་གྱི་ལྟ་སྐུལ་ཞིབ་བཤེར་གཅིག་སྡུད་སྤེལ་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉིང་ཁྲི་གྲོང་ཁྱེར་གྱི་ཚན་པ་ཁག་དང་དེ་བཞིན་རྫོང(ཆུས)ཁག་གི་སྲིད་འཛིན་ཁྲིམས་བསྟར་གྱི་ལས་དོན་སྔར་བས་ཚད་ལྡན་དུ་བཏང་ནས་ཁྲིམས་བཞིན་སྲིད་འཛིན་དང་ཤེས་དཔལ་ངང་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གིས་མོས་མཐུན་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་པས་སྣེ་ཁྲིད་དེ་མི་སྣ་སྒྲིག་འཛུགས་ཀྱིས་ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱི་ཚན་པ་དྲུག་གི་སྲིད་འཛིན་ཁྲིམས་བསྟར་ལས་དོན་ལ་ཞིབ་བཤེར་དང་། འཐེན་བཤེར། བཞུགས་མོལ་བཅས་བྱས་ཏེ་ཁྲིམས་བསྟར་ཡིག་རིགས་ལ་ནན་ཏན་བལྟས་ཤིང་། ཁྲིམས་བསྟར་ལས་དོན་པས་ལས་དོན་སྤེལ་ཚུལ་དང་ཁྲིམས་བསྟར་སྒྲིག་ཆས་སྒྲིག་སྦྱོར་དང་སྤྱོད་པའི་གནས་ཚུལ་ལ་ཤེས་རྟོགས་བྱས་པ་རེད།

ད་ཐེངས་ཀྱི་སྲིད་འཛིན་ཁྲིམས་བསྟར་ཞིབ་བཤེར་བྱས་པ་བརྒྱུད། མི་འདང་ས་དང་གནད་དོན་འཚོལ་བཤེར་བྱས་ནས་ས་གནས་ས་ཐོག་ཏུ་དག་ཐེར་གྱི་གྲོས་འགོ་བཏོན་པ་དང་། དག་ཐེར་གྱི་གྲོས་འགོའི་ཡི་གེ་བཟོས་པ་མ་ཟད་སླད་ཕྱིན་ལས་དོན་ཇི་ལྟར་ཡག་པོ་སྤེལ་རྒྱུར་སྤེལ་རེས་ཀྱང་བྱས་པར་ཕན་འབྲས་བཟང་པོ་ཐོབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་སླད་ཕྱིན་གྱི་ལས་དོན་ཁྲོད་མུ་མཐུད་སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་གྱི་ལྟ་སྐུལ་དང་ཁྲིམས་འཛུགས་སོགས་ཀྱི་ལས་ཀའི་འགན་ནུས་གཞིར་བཟུང་། ཚན་པ་དང་རྫོང(ཆུས)དང་དེ་བཞིན་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་དེ་བས་མང་བར་བསྐྱོད་དེ། ལས་དོན་སྤེལ་བ་དང་ལྟ་སྐུལ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིམས་སྐྱོང་གི་ཞབས་ཞུ་དང་འགན་ལེན་བྱ་རྒྱུ་རེད།