《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཁག་གིས།

“གྲོང་ཚོ་དང་དུད་ཚང་དུ་བསྐྱོད”ནས་མེ་ཟོན་དྲིལ་ བསྒྲགས་བྱེད་སྒོ་སྤེལ་བ།

↑འདི་ནི་སྤྱི་སོ་གྲོང་ཚོའི་གྲོང་མིས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གྲོང་གསེབ་ཀྱི་མེ་ཟོན་དྲིལ་བསྒྲགས་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་ཡོངས་ནས་མེ་ཟོན་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། ཞིང་པ་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་དང་རང་སྲུང་རང་སྐྱོབ་འཇོན་ཐང་ཆེ་རུ་གཏོང་བ། གྲོང་གསེབ་ཏུ་མེ་སྐྱོན་ལས་འཛོལ་སྔོན་འགོག་དང་ཉུང་གཏོང་བཅས་བྱ་ཆེད། ཟླ་1ཚེས་7ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་དྲིལ་བསྒྲགས་མི་སྣ་སྒྲིག་འཛུགས་བྱས་ཏེ་ཉང་བྲན་ཤང་སྤྱི་སོ་གྲོང་ཚོར་ཟབ་སྐྱོད་བྱས་ནས“གྲོང་ཚོ་དང་དུད་ཚང་དུ་བསྐྱོད”ནས་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། མེ་ཟོན་ཤེས་བྱའི་ལག་དེབ་གྲོང་མིའི་ལག་ཏུ་སྤྲད་ཡོད།