《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན།(མིང་ཚིག་འགྲེལ་པ་བདམས་བཀོད)

སྣེ་ཁྲིད་གཅིག

“སྣེ་ཁྲིད་གཅིག”ཅེས་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་དང་སྲིད་ཁྲིམས་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་རྩ་བའི་སྣེ་ཁྲིད་དུ་བྱས་ཤིང་། དུས་རབས་གསར་པའི་བོད་ཀྱི་ཞིབ་དཔྱོད་ལས་དོན་ཕྱོགས་སྒྱུར་དང་གསར་གཏོད་ངང་གོང་འཕེལ་གཏོང་རྒྱུའི་རིགས་གཞུང་དང་དངོས་དོན་གྱི་གནད་དོན་རབ་དང་རིམ་པར་དམིགས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། ཆེས་མཐོའི་ཞིབ་དཔྱོད་ཁང་བཅས་ཀྱིས་བཏོན་པའི་བླང་བྱའི་ཐོག་ཏུ་གཅིག་གྱུར་བྱེད་རྒྱུ་དང་། རྩ་བའི་གཞི་འཛིན་ས་དེ་དཀའ་གནད་སེལ་རྒྱུ་དང་གསར་གཏོད་གོང་འཕེལ་གཏོང་རྒྱུའི་བསམ་གཞིའི་ཐོག་སྒྱུར་དགོས་པ་དང་། ཞིབ་དཔྱོད་ཀྱི་གཙོ་རྒྱུའི་ཐོན་ཁུངས་དེ་འགན་འཁྲི་འཁུར་ཕོད་པའི་བླང་བྱ་དང་མཐུན་པའི་ཁྱབ་ཁོངས་དང་ལྷུ་ཚིགས་ཐོག་བགོ་སྒྲིག་བྱེད་དགོས་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”བྱེད་ཐུབ་པ་དགོས་རྒྱུ་བཅས་ཀྱི་ཐོག་ནས་བོད་ཀྱི་ཞིབ་དཔྱོད་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱེད་རྒྱུ་དེ་ཡིན།

ཞིབ་དཔྱོད་ཆེན་པོ་བཞི།

“ཞིབ་དཔྱོད་ཆེན་པོ་བཞི”ཞེས་པ་ནི། 2019ལོའི་ཟླ་དང་པོའི་ཚེས17ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ཀྲང་ཅུན་གྱིས་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ཀྲང་ཚོགས་འདུའི་ཐོག་གཏམ་བཤད་གནང་སྐབས་རང་འགུལ་ངང་དུས་བབ་ཀྱི་འགྱུར་ཕྱོགས་ལ་བསྟུན་པ་དང་ནང་བཙུགས་སྡེ་ཚན་བསྒྱུར་བཅོས་བྱས་ཏེ་ཉེས་དོན་ཞིབ་དཔྱོད་དང་། དམངས་དོན་ཞིབ་དཔྱོད། སྲིད་འཛིན་ཞིབ་དཔྱོད། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་བཅས“ཞིབ་དཔྱོད་ཆེན་པོ་བཞི”ཕྱོགས་ཡོངས་དང་མཐུན་སྦྱོར་ངང་གོང་འཕེལ་གང་ལེགས་གཏོང་དགོས་ཞེས་བཏོན་གནང་ཡོད། 2019ལོའི་ཟླ་3པའི་ཚེས་15ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི《གྲོས་ཆོད》ལ་གྲོས་འཆམ་བྱུང་ཞིང་། ཞིབ་དཔྱོད་ལས་ཁུངས་ཀྱིས“ཕྱོགས་ཡོངས་ནས་ཁྲིམས་འཛིན་ལམ་ལུགས་བསྒྱུར་བཅོས་བྱེད་པ་དང་། ཉམས་སད་ཐེག་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་ཞིབ་དཔྱོད་ཁང་གི་ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས་ཞིབ་དཔྱོད་ཀྱི་འགན་འཁྲི་ཁག་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་འཛིན་གྱི་ཐོག་ནས་འགན་སྲུང་བྱེད་དགོས་པའི”བླང་བྱ་བཏོན་ཡོད། དེར་བརྟེན་ཞིབ་དཔྱོད་ལས་ཁུངས་ཀྱི“ཞིབ་དཔྱོད་ཆེན་པོ་བཞིའི”ལྟ་སྐུལ་འགན་འཁྲིར་ཆེས་མཐོ་བའི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ནས་ཁས་ལེན་ཐོབ་ཡོད་པ་མཚོན།

གྱོད་གཞི་དང་གྱོད་ཐོའི་བསྡུར་ཚད།

“གྱོད་གཞི་དང་གྱོད་ཐོའི་བསྡུར་ཚད”ཞེས་པ་ནི་2019ལོའི་ཟླ་4པའི་ཚེས་9ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ཀྲང་ཅུན་གྱིས་ཞིབ་དཔྱོད་འགོ་ཁྲིད་ལས་བྱེད་པའི་ལས་སྒོའི་འཆད་འཁྲིད་ཐོག“གྱོད་གཞི་དང་གྱོད་ཐོའི་བསྡུར་ཚད”ཅེས་གྱོད་ཞིབ་སྤུས་ཚད་གདེང་འཇོག་གི་དམིགས་ཚད་མཚོན་པའི་ཐ་སྙད་གསར་པ་འདི་ཆེས་ཐོག་མར་བཏོན་པ་རེད། “གྱོད་གཞི”ཞེས་པ་ནི་མང་ཚོགས་དང་དོ་བདག་གིས་ཞིབ་དཔྱོད་ལས་ཁུངས་ལ་ཞུ་སྦྱོར་དང་ཞུ་གཏུག་བྱས་པ་མ་ཟད་ཞིབ་དཔྱོད་ཚན་པས་གྱོ ད་ཁོངས་སུ་བཅུག་པའི་གྱོད་གཞིར་ཟེར། “གྱོད་ཐོ”ཞེས་པ་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་གཏུག་བཤེར་བཅའ་ཁྲིམས་ནང་འཁོད་གཏན་འབེབས་ཀྱི་བརྒྱུད་རིམ་ལྟར་ཁྲིམས་འཛིན་སྡོམ་རྩིས་སམ་ཡང་ན་གྱོད་གཞི་དོ་དམ་རྒྱུད་ཁོངས་ནང་སྡོམ་རྩིས་བྱས་པའི“གྱོད་གཞི”ལ་ཟེར། “གྱོད་གཞི་དང་གྱོད་ཐོའི་བསྡུར་ཚད”ཟེར་བ་ནི“གྱོད་གཞི”དང་“གྱོད་ཐོ”ཡི་ཁ་གྲངས་ཀྱི་བསྡུར་ཚད་ལ་ཟེར། གྱོད་ཞིབ་བྱས་པའི་སྤུས་ཚད་དཔྱད་འདེམས་ཀྱི་དམིགས་ཚད་ངོས་ནས་བཤད་ན“གྱོད་གཞི”དང་“གྱོད་ཐོ”ཡི་བསྡུར་ཚད་ཆེས་ལེགས་ཤོས་ནི་1:1ཡིན། “གྱོད་གཞི”དང་“གྱོད་ཐོ”ཡི་བསྡུར་ཚད་ཇི་ཙམ་ཆེ་ན་ཁྲིམས་འཛིན་ཐོན་ཁུངས་བེད་སྤྱོད་བྱས་པ་དེ་ཙམ་གྱིས་མང་བ་དང་། གྱོད་ཞིབ་བྱས་པའི་ཆབ་སྲིད་ཀྱི་ནུས་འབྲས་དང་། བཅའ་ཁྲིམས་ཀྱི་ནུས་འབྲས། སྤྱི་ཚོགས་ཀྱི་ནུས་འབྲས་བཅས་དེ་ཙམ་གྱིས་ཞན་པ་མཚོན་ཡོད།

གྱོད་གཞི་དང་གྱོད་ཐོའི་བསྡུར་ཚད།

བཀག་ཉར་བྱེད་པར་དགོས་ངེས་རང་བཞིན་ཞིབ་བཤེར་བྱེད་པ་ཞེས་པ་ནི། རང་རྒྱལ《ཉེས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་དགུ་བཅུ་གོ་ལྔ་པའི་ནང་། “དོགས་ཡོད་ཉེས་ཅན་དང་ཞུ་སྦྱོར་ཕྱི་མ་འཛིན་བཟུང་བྱས་རྗེས་མི་དམངས་ཞིབ་དཔྱོད་ཁང་གིས་བཀག་ཉར་བྱེད་དོན་ཐད་ལ་དགོས་ངེས་རང་བཞིན་གྱི་ཞིབ་བཤེར་ངེས་པར་བྱེད་དགོས་པ་དང་། མུ་མཐུད་བཀག་ཉར་བྱེད་མི་དགོས་པའི་རིགས་ལ་བཙོན་གྲོལ་གཏོང་རྒྱུའམ་ཡང་ན་བཙན་ཐབས་མི་སྤྱོད་རྒྱུའི་གྲོས་འཆར་ངེས་པར་འདོན་དགོས། ཐག་གཅོད་བྱས་པའི་གནས་ཚུལ་དེ་འབྲེལ་ཡོད་ལས་ཁུངས་ཀྱིས་ཉིན་བཅུའི་ནང་ཚུད་དུ་མི་དམངས་ཞིབ་དཔྱོད་ཁང་ལ་བརྡ་ཐོ་གཏོང་དགོས”ཞེས་གཏན་འབེབས་བྱས་ཡོད།

ཟབ་སྦྲེལ་གཉིས།

“ཟབ་སྦྲེལ་གཉིས” ཞེས་པ་ནི། བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ཏཱ་ལ་རུ་ཚོགས་ཀྱིས་ཚབ་བྱས་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་འཐབ་རྩོད་བྱེད་པའི་སྤྱི་ཚོགས་ཀྱི་དམིགས་བསལ་འགལ་བ་དང་ཟབ་ཏུ་སྦྲེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ཨང་དང་པོར་བཞག་ནས་དམིགས་བསལ་གྱི་འགལ་བ་མངོན་གསལ་དོད་པོའི་འཚུབ་ཆ་ཆེ་བའི་དུས་སྐབས་དང་དམིགས་བསལ་གྱི་དུས་ཚིགས་ལ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་རྒྱུད་ཁོངས་ཀྱི་སྟོབས་ཤུགས་བཏོན་ཏེ། ནུས་ཤུགས་གང་ཡོད་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་དམག་འཐབ་ལ་རྒྱལ་ཁ་ལོན་ཐུབ་པ་བྱེད་རྒྱུ་དང་། དུས་རབས་གསར་པའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་དགོས་མཁོ་ཇེ་ཆེར་འགྲོ་བཞིན་པ་དང་གོང་འཕེལ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་དབར་གྱི་སྤྱི་ཚོགས་ཀྱི་འགལ་བ་དང་ཟབ་ཏུ་སྦྲེལ་ནས་ཞིབ་དཔྱོད་ཁྱབ་ཁོངས་ནང་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་བྱེད་རྒྱུ་འཇུ་ལུང་དུ་བརྩིས་ནས་མི་དམངས་ཀྱིས་དངོས་པོ་དང་རིག་གནས་ཐད་སྔར་ལས་ཆེ་བའི་དགོས་མཁོ་དང་། མི་རིགས་དང་། ཁྲིམས་སྐྱོང་། དྲང་གཞག དྲང་བདེན། བདེ་འཇགས། ཁོར་ཡུག་བཅས་ཐད་ཀྱི་རེ་བའི་དགོས་མཁོ་གསར་པ་དང་ལེན་ཧུར་ཐག་བྱེད་རྒྱུ་དེ་ཡིན།

ཞིབ་དཔྱོད་ཁྱབ་ཁོངས་ནང་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས།

ཞིབ་དཔྱོད་ཁྱབ་ཁོངས་ནང་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་བྱེད་པ། ཞེས་པ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་འགོ་ཚུགས་པ་དང་། བོད་ཀྱི་ཞིབ་དཔྱོད་ལས་དོན་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་པའི་དོན་དངོས་དང་འབྲེལ་བ་དམ་ཟབ་བྱས་ནས་དུས་རབས་གསར་པའི“འགལ་བའི་འགྱུར་ལྡོག”དང་། “འགན་ནུས་སྤོ་སྒྱུར” “ལས་དོན་གྱི་གོ་སྐབས”“གོང་འཕེལ་ཕྱོགས་སྒྱུར”བཅས་ལས་བྱུང་བའི་འགྲན་སློང་གསར་པ་དང་གོ་སྐབས་གསར་པར་རང་འགུལ་གྱིས་འཚམ་བསྟུན་དང་སྟངས་འཛིན་ནན་པོ་བྱས་ཏེ། ཞིབ་དཔྱོད་ལས་དོན་དེ་བོད་ཀྱི་སྤྱི་ཡོངས་ཀྱི་ལས་དོན་འགན་ལེན་བྱེད་རྒྱུར་ཞབས་ཞུ་སྒྲུབ་མཁན་དང་འགན་སྲུང་བྱེད་མཁན་གྱི“མཁོ་འདོན་ཕྱོགས”ཡིན་པའི་གནས་ཚུལ་ལ་གཞིགས་ནས་བསམ་བློ་གཏོང་བ་དང་། ཇུས་འགོད་བྱེད་པ། སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིབ་དཔྱོད་ཀྱི་སྤྱི་པའི་ཐོན་རྫས“འདོན་སྤྲོད་བྱེད་རྒྱུ་མི་འདེང་བ”དང་། “གྲུབ་ཆ་དོ་མི་མཉམ་པའི”གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་རྒྱག་རྒྱུ་དང་། རང་འགུལ་གྱི་ཐོག་ནས་ཞིབ་དཔྱོད་ལས་ཁུངས་རང་ངོས་ཀྱི་གསར་བརྗེ་བྱེད་རྒྱུར་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཞིབ་དཔྱོད་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལམ་སྲོལ་གྱི་ལེགས་ཆ་དེ་བཅོས་སྐྱོང་གི་ལེགས་ཆར་བསྒྱུར་རྒྱུའི་སྤྱི་ཚོགས་ཀྱི་གསར་བརྗེ་ཞེས་པ་དེ་ཡིན།

ཞིབ་དཔྱོད་གྲོས་འཆར་ཨང་དང་པོ།

“ཞིབ་དཔྱོད་གྲོས་འཆར་ཨང་དང་པོ”ཞེས་པ་ནི། 2018ལོའི་ཟླ་བ་10པའི་ཚེས་19ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སློབ་གསོ་པུའུ་ལ《ཞིབ་དཔྱོད་གྲོས་འཆར་ཡི་གེ》སྐྱེལ་སྤྲོད་བྱས་པ་རེད། དེའི་ནང་བུ་བཅོལ་ཁང་གི་བྱིས་པ་དང་སློབ་འབྲིང་སློབ་ཆུང་སློབ་མར་ཆགས་སྲེད་བཙན་གནོད་བྱེད་སྐོར་གྱི་ཉེས་དོན་གྱོ ད་ཞིབ་བྱས་པའི་གྱོ ད་གཞིའི་རིགས་ལ་ནན་ཏན་གྱིས་དབྱེ་ཞིབ་བྱས་ཐོག སློབ་གྲྭའི་བདེ་འཇགས་དོ་དམ་གྱི་གཏན་འབེབས་ལག་བསྟར་ནན་པོ་མེད་པ་དང་། དགེ་རྒན་ལས་བཟོའི་དཔུང་ཁག་གི་དོ་དམ་གནད་ལ་མི་འཁེལ་བ། དེ་བཞིན་བྱིས་པ་དང་སློབ་མའི་ཁྲིམས་སྐྱོང་སློབ་གསོ་དང་ཆགས་སྲེད་བཙན་གནོད་སྔོན་འགོག་བྱེད་པའི་སློབ་གསོ་མི་འདེང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཞིབ་ཕྲའི་གྲོས་འཆར་གསུམ་བཏོན་པ་སྟེ། སློབ་གྲྭའི་བདེ་འཇགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཆགས་སྲེད་བཙན་གནོད་སྔོན་འགོག་བྱེད་པའི་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་གཅིག སློབ་གྲྭའི་ཆགས་སྲེད་བཙན་གནོད་སྔོན་འགོག་བྱེད་པའི་འབྲེལ་ཡོད་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ཐད་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་གཉིས། སྒྲིག་འགལ་ཁྲིམས་འགལ་གྱི་མི་སྣར་ཁྲིམས་བཞིན་ཐག་གཅོད་ནན་པོ་བྱེད་དགོས་པ་དང་གསུམ་བཅས་སོ། དེ་ནི་ཆེས་མཐོའི་ཞིབ་དཔྱོད་ཀྱིས་ཐེངས་དང་པོར་ཐད་ཀར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཁོངས་ཚན་པར་སྐྱེལ་སྤྲོད་བྱས་པའི་ཡིག་ཨང་དང་པོའི་ཞིབ་དཔྱོད་གྲོས་འཆར་ཡིན་ལ། ཆེས་མཐོའི་ཞིབ་དཔྱོད་ཀྱིས་ཐེངས་དང་པོར་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཐད་འགྲེམས་བསྒྲགས་བྱས་པའི་ཞིབ་དཔྱོད་གྲོས་འཆར་ཡི་གེ་དེ་ཡང་ཡིན་པས་དེ་ལ“ཞིབ་དཔྱོད་གྲོས་འཆར་ཨང་དང་པོ”ཟེར།

དམིགས་ས་གསུམ།

“དམིགས་ས་གསུམ”ཞེས་པ་ནི། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་ལག་ལེན་དང་བླང་བྱ་གསར་པར་དམ་པོར་དམིགས་ཏེ་ཞིབ་དཔྱོད་ཀྱིས་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རྒྱུའི་བླང་བྱ་གསར་པར་དམ་པོར་དམིགས་ཏེ་ཞིབ་དཔྱོད་ཀྱི་འགན་དབང་དང་ཐོན་ཁུངས་བཀོད་སྒྲིག་བྱེད་རྒྱུ་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཡིན།