《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

བོད་དམག་ཁུལ་ཁང་མཐའ་སྲུང་ཐོན་ཞིག་གི་རི་དུང་སོ་ལྟ་ཁང་གི་དཔོན་དམག་ཚོར་བདེ་འཇགས་ཀྱི་ཆུ་འཐུང་རྒྱུ་བྱུང་བ།

འདི་ནི་བོད་དམག་ཁུལ་ཁང་མཐའ་སྲུང་ཐོན་ཞིག་གི་རི་དུང་སོ་ལྟ་ཁང་གི་དཔོན་དམག་གིས་བདེ་འཇགས་ཀྱི་འཐུང་ཆུའི་བྲོ་བ་མྱོང་བཞིན་པ།

ཉེ་ཆར། བོད་དམག་ཁུལ་མཐའ་སྲུང་ཐོན་ཞིག་གི་རི་དུང་སོ་ལྟ་ཁང་གི་དཔོན་དམག་ཚོར་བདེ་འཇགས་ཀྱི་ཆུ་འཐུང་རྒྱུ་བྱུང་བ་ལས། ཐོན་དེའི་དཔོན་དམག་ཚོའི་འཐུང་ཆུ་སྤུས་ཚད་ཞན་པའི་གནད་དོན་ཐག་གཅོད་བྱུང་ཡོད།

ན་ནིང་ཟླ་12པའི་ཟླ་འགོར། ས་བབ་མཐོ་ཚད་སྨི་3500ལྷག་ཙམ་ཡོད་པའི་བོད་དམག་ཁུལ་ཁང་མཐའ་སྲུང་ཐོན་ཞིག་གི་རི་དུང་སོ་ལྟ་ཁང་དུ་དཔོན་དམག་ལི་དབྱི་ཡིས་དགའ་ཚོར་ཆེན་པོས་གོང་རིམ་ནས་སྒྲིག་སྦྱོར་བྱས་པའི་དྭངས་གཙང་ཆུའི་སྒྲིག་ཆས་ནས་ཆུ་དྭངས་མ་ཞིག་བླངས་ཏེ་བཏུངས།

དུས་དེར་རྟེན་འབྲེལ་ཞུ་ཆེད་དཔོན་དམག་ཚོས་ལག་གདང་སྦྲེལ་ནས་སྤྲོ་སྣང་ལྡན་པའི་སྒོར་གཞས་འཁྲབ།

“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་ཆུང་ངུ”ཞེས་འབོད་པའི་རྫ་ཡུལ་དུ་གཙང་པོ་རྒྱུག་ཁུལ་མང་བས་འཐུང་ཆུར་སེམས་ཁྲལ་མེད་མོད། འོན་ཀྱང་རྫ་ཡུལ་དུ་སླེབས་མྱོང་མཁན་ཚང་མས་དེ་གའི་ཆུ་ཞིམ་པོ་མི་འདུག་ཅེས་ཤོད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ལེན་ཤོག་གི་དཔོན་དམག་ཚོས་ཐད་ཀར་ཆུ་སྤུས་འགན་ལེན་དཀའ་བའི་གཙང་པོ་ནས་ཆུ་བླངས་ཏེ་འཐུང་གི་ཡོད་པས་རེད། ཆུ་དྭངས་མ་ཞིག་འཐུང་རྒྱུ་ཡོང་ཆེད། དཔོན་དམག་ཚོས་གཙང་པོ་ནས་བླངས་པའི་ཆུ་ཆུ་ཟོམ་ནང་ཆུ་ཚོད་ཁ་ཤས་དྭངས་གསིང་ཕྱེ་རྗེས་གཞི་ནས་འཐུང་གི་ཡོད། འོན་ཏེ་དུས་ཡུན་རིང་པོ་སོང་ན་དཔོན་དམག་ཚོའི་བདེ་ཐང་ལ་གནོད་ཀྱི་ཡོད་ལ། འཐབ་འཛིང་པ་གསར་པ་དམག་དཔུང་ནང་ཞུགས་རྗེས་གཟའ་འཁོར་འགའ་ཤས་གྲོད་པ་བཤལ་བའི་གནས་ཚུལ་ཡང་སེ་ཐོན་གྱི་ཡོད།

ས་མཐོའི་དཔོན་དམག་གི་འཐུང་ཆུའི་གནད་དོན་ལ་རིམ་ཁག་འགོ་ཁྲིད་ཀྱི་དོ་ཁུར་ཆེན་པོ་བྱེད་ཅིང་། 2009ལོ་ནས་བཟུང་དཔུང་སྡེ་དེས་སྔ་རྗེས་སུ་གཞི་རིམ་གྱི་ལེན་ཤོག་ལ་ཆུ་གསོག་རྫིང་བུ་12བཟོས་མོད། འོན་ཀྱང་དཔོན་དམག་ཚོས་ཉིན་ལྟར་གཙང་པོ་ནས་བླངས་པའི་ཆུ་དྭངས་གསིང་ཕྱེ་རུང་ཆུ་སྤུས་འགན་ལེན་དཀའ་བའི་གནད་དོན་རྩ་བ་ནས་ཐག་གཅོད་ཐུབ་མེད།

“མཐའ་མཚམས་ཀྱི་དཔོན་དམག་ཚང་མར་བདེ་འཇགས་ཀྱི་ཆུ་འཐུང་རྒྱུ་ཡོང་བར་བྱེད་དགོས”དཔུང་སྡེ་དེའི་རུ་དཔོན་ལིའུ་ཧའེ་ལི་ཡིས། འདི་ལོའི་ལོ་འགོར་ང་ཚོས་མཐའ་སྲུང་གི་འཐབ་ས་དང་པོའི་ལེན་ཤོག་དང་སོ་ལྟ་ཁང་དང་ཐག་རིང་ལས་སྒྲུབ་ས་ཚིགས་སུ་དྭངས་གཙང་ཆུའི་སྒྲིག་ཆས་སྒྲིག་སྦྱོར་བྱ་རྒྱུ་དེ《2019ལོའི་ཐོན་དེའི་ལས་ཁུངས་ཀྱིས་གཞི་རིམ་ལ་བྱ་བ་དངོས་སྒྲུབ་པའི་འཆར་གཞིའི》ནང་བཅུག་སྟེ། མ་དངུལ་སྒོར་ཁྲི་136ལྷག་ཙམ་བཏང་ནས་ས་མཐོར་སྤྱོད་རྒྱུར་འཚམ་པའི་དྭངས་གཙང་ཆུའི་སྒྲིག་ཆས་སྒྲིག་སྦྱོར་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

མིག་སྔའི་བར། དཔུང་སྡེ་དེའི་མཐའ་སྲུང་གི་འཐབ་ས་དང་པོའི་ལེན་ཤོག་དང་སོ་ལྟ་ཁང་དང་ཐག་རིང་ལས་སྒྲུབ་ས་ཚིགས་སུ་དྭངས་གཙང་ཆུའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཟིན་པ་རེད། དྭངས་གཙང་ཆུའི་སྒྲིག་ཆས་གསར་པ་ལས་ཆུ་རྒྱུན་གཏན་ལྟར་མཁོ་འདོན་ཐུབ་པ་དང་། དྭངས་གསིང་ཕྱེ་རྗེས་ཀྱི་ཆུ་ལ་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་ཚད་གཞི་ལོན་ཡོད། སྔར་སོང་ལ་ཕྱིར་དྲན་བྱས་ཚེ་རིམ་པ་བཞི་པའི་དམག་དཔོན་ཁྲེན་ཡུང་གོ་ཡིས“དྭངས་གཙང་གི་ཆུ་འཐུང་རྒྱུ་བྱུང་བས་ང་ཚོའི་སེམས་པ་ཚ་སོབ་སོབ་ཏུ་གྱུར་སོང་། ང་ཚོས་གོང་རིམ་གྱི་ཐུགས་ཁུར་གནང་བ་དེ་མཐའ་སྲུང་གི་སྒུལ་ཤུགས་སུ་འགྱུར་བར་བྱས་ཏེ་མེས་རྒྱལ་ཆེད་ལས་གནས་བརྟན་པོ་སྲུང་གི་ཡིན”ཞེས་མྱོང་བ་ཟབ་མོས་བཤད།

(སྐལ་མཆོག་གིས་བསྒྱུར་ཅིང་ཞུས)