《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

ལྷ་ས་གྲོང་ཁྱེར་གྱི“ནག་སེལ་གཤེད་བཅོམ”གྱི་ཆེད་དོན་ འཐབ་རྩོད་ལ་ཕན་འབྲས་ཐོབ་པ།

ཉེས་དོན་གྱོད་གཞི་དུས་མཚུངས་ལས་17.3%ཆག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་ཚེས་20ཉིན་འཚོགས་པའི་ལྷ་ས་གྲོང་ཁྱེར་གྱི“ནག་སེལ་གཤེད་བཅོམ”ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན། ལྷ་ས་གྲོང་ཁྱེར་གྱིས་ཁྲིམས་བཞིན་ཆད་པ་ནན་པོ་གཅོད་པ་དང་། ཕྱོགས་བསྡུས་བཅོས་སྒྲིག ཞིབ་བཤེར་མཐར་ཕྱིན། རྩ་འཛུགས་འཛུགས་སྐྱོང་སོགས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པས“ནག་སེལ་གཤེད་བཅོམ”གྱི་ཆེད་དོན་འཐབ་རྩོད་ལས་དོན་ལ་ཕན་འབྲས་ཐོབ་པ་དང་། ཉེས་དོན་གྱོད་གཞི་དུས་མཚུངས་ལས་17.3%ཆག་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་རྡུང་རྡེག་གི་མདུང་རྩེ་ཆབ་སྲིད་ཀྱི་བདེ་འཇགས་ལ་འཇིགས་སྐུལ་དང་ལྷག་པར་དུ་སྲིད་དབང་གི་བདེ་འཇགས་དང་ལམ་ལུགས་ཀྱི་བདེ་འཇགས་དང་དེ་བཞིན་ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་སིམ་པའི་ནག་གཤེད་ཕྱོགས་གཏོགས་དང་། ཆོས་ལུགས་དང་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་སྤྱད་དེ་གྲོང་ཚོའི་ནང་ཧམ་ཤེད་བྱས་ནས་མི་སེར་ལ་གནོད་འཚེ་གཏོང་མཁན་གྱི་ནག་གཤེད་ཕྱོགས་གཏོགས། འཆལ་རྒྱན་དུག་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྤེལ་མཁན་གྱི་ནག་གཤེད་ཕྱོགས་གཏོགས་སོགས་ཕྱོགས་22ལ་དམིགས་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནག་ཚོགས་དང་འབྲེལ་བ་ཡོད་པའི་ཉེས་གསོག་ཚོགས་པ་1དང་། ངན་གཤེད་དང་འབྲེལ་བ་ཡོད་པའི་ཉེས་གསོག་ཚོགས་པ་6 སྨད་ཚོང་སྒྲིག་འཛུགས་བྱེད་མཁན་ཚོགས་པ་1(དབྱང་ཆེ་གེ་མོ་གཙོ་བོར་བྱས་པའི་སྨད་ཚོང་སྒྲིག་འཛུགས་ཚོགས་པ) ངན་གཤེད་དང་འབྲེལ་བ་ཡོད་རིགས་དགུའི་གྱོད་གཞི་48བཅས་མྱུལ་ཞིབ་རྩད་གཅོད་བྱས་ཡོད། “ཁྲི་ཡུན་ཀེ”(དེ་སྔོན“ཐན་ཁྲེང་འཁྲུད་ཁང”ཟེར)ཡིས་སྨད་ཚོང་སྒྲིག་འཛུགས་བྱེད་པའི་གྱོད་གཞི་སོགས་ཆགས་སྲེད་དང་འབྲེལ་བ་ཡོད་པའི་གྱོད་གཞི་6ལ་མྱུལ་ཞིབ་ཞིབ་གཅོད་བྱས་པ་དང་། དཔལ་ཆེ་གེ་མོ་དང་། ལུའུ་ཆེ་གེ་མོ། ཆོས་ཆེ་གེ་མོ། དབྱང་ཆེ་གེ་མོ་སོགས་ཀྱིས་སྦག་ཁང་བཙུགས་པ་དང་རྒྱན་འགྱེད་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི་4མཉམ་དུ་གྱོད་དོན་ཐོ་འགོད་བྱས་ཏེ་མྱུལ་ཞིབ་བྱས་པ་རེད།