《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས།

2019ལོའི་ལོ་འཁོར་གྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས་2019ལོའི་ལོ་འཁོར་གྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཧུང་ཅི་ཚོགས་པ་སོགས་ཁེ་ལས་7དང་ཚོང་ཚོགས་དང་མཐུན་ཚོགས་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་ཀྱིས་2019ལོའི་ཏང་འཛུགས་སྐྱོང་ལས་དོན་སྒྲུབ་ཚུལ་གསལ་ཞུ་བྱས་པ་དང་འབྲེལ། “ཀྲུང་གུང་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་ཚོང(མཐུན)ཚོགས་ལས་རིགས་ཨུ་ཡོན་ལྷན་ཁང”གི་སྒོ་བྱང་འགེལ་བའི་མཛད་སྒོ་གཉེར་བ་རེད།

ཚོགས་འདུའི་ཐོག བཟོ་ཚོང་ལྷན་ཚོགས་ཁོངས་གཏོགས་ཀྱི་ཚོང་ལས་མཐུན་ཚོགས་དང་ཁེ་ལས་ཀྱིས་ངེས་པར་དུ“གསར་པ་གཉིས”ཀྱི་ལས་དོན་ཨུ་ལྷན་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བླང་བྱར་གཞིགས་ནས། ཏང་འཛུགས་སྐྱོང་གིས་ལས་ཀར་ཁྲིད་སྟོན་དང་། ལས་ཀར་བརྟེན་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཏང་འཛུགས་སྐྱོང་གི་གཞི་ཁྱོན་ཅན་དང་ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་འཐབ་ཇུས་མཐོ་རུ་བཏང་སྟེ་བཟོ་ཚོང་ལྷན་ཚོགས་ལས་ཁུངས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། “ཁྱབ་པ་གཉིས”ལ་སྐུལ་འདེད་གཏིང་ཟབ་དང“སྐྱོན་བྲལ་གཉིས”ལ་ཞབས་འདེགས་དེ་བས་ལེགས་པར་ཞུས་ཏེ། ཏང་འཛུགས་སྐྱོང་གི་ལས་དོན་གྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)