《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

ལྷ་ས་མེ་ཟོན་ཉིང་ལག་རུ་ཁག་གིས་རོལ་རྩེད་ཁང་དུ་ཐོ་རེངས་ཞིབ་བཤེར་གྱི་བྱ་སྤྱོད་སྤེལ་བ།

འདི་ནི་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱ་ཡུལ་ཡིན་པ།

དགུན་དཔྱིད་ཀྱི་མེ་ཟོན་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྔར་བས་ཡག་པོ་སྤེལ་བ་དང་། དུས་ཆེན་རིང་གི་རོལ་རྩེད་ཁང་གི་མེ་ཟོན་བདེ་འཇཌ་ཀྱི“མེ་འགོག་གྱང”བརྟན་པོ་བསྐྲུན་ནས་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་བདེ་འཇགས་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱ་ཆེད། ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་སྔ་སྣུར་དུ་ཞིབ་བཤེར་དང་། སྤྱི་འདོམས་བཀོད་སྒྲིག སྤྱི་ཚོགས་སུ་ཟབ་སྐྱོད་བཅས་བྱས་ཏེ། “མཚམས་མི་ཆད་པ་དང་། གསང་མ་ལུས་པ། ཁུག་མ་ལུས་པ”བཅས་ཀྱི་ལས་ཀའི་བྱ་ཐབས་སྤྱད་ནས་ཉིང་ལག་རུ་ཁག་གི་རིམ་ཁག་ལྟ་སྐུལ་ཁྲིམས་འཛིན་གྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་རོལ་རྩེད་ཚན་པ(རོལ་རྩེད་ཁང)སྣ་ཚོགས་སུ་ཐོ་རེངས་ཞིབ་བཤེར་བྱ་སྤྱོད་སྤེལ་བ་རེད།

གནམ་གཤིས་སྐམ་ཤས་ཆེ་བའི་དགུན་དུས་སུ་དུས་ཆེན་མང་ལ་གཅིག་སྡུད་ཡིན་པ་དང་། རྟེན་འབྲེལ་བྱེད་སྒོ་ཁག་གཅིག་སྤེལ་རིང་བསམ་ཡུལ་ལས་འདས་པའི་མེ་སྐྱོན་ཐོན་ཉེན་ཆེ། གྲོང་མི་ཚོ་རྒྱུན་གཏན་ལྟར་དུས་ཆེན་གཏོང་ཐུབ་པའི་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཧོང་ཅ་ཅིང་ཙུའོ་རོལ་རྩེད་ཁང་དང་། ཧྥུའུ་ཧྲེན་རོལ་རྩེད་ཁང་། བར་སྐོར་ཚོང་ཁྲོམ་ཨར་ཁང་སོགས་རོལ་རྩེད་ཁང་སྣ་ཚོགས་སུ་ཐོ་རེངས་ཞིབ་བཤེར་བྱ་སྤྱོད་སྤེལ་བ་རེད།

ད་ཐེངས་ཀྱི་ཞིབ་བཤེར་བྱེད་རིང་། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏང་ཨུད་ཀྱི་རྒྱུན་ཨུས་ཚོགས་ཆུང་བགོས་ནས་རུ་སྣེ་ཁྲིད་དེ་གཙོ་གནད་རོལ་རྩེད་ཁང་དང་། ས་ཁོངས་། དུས་མཚམས་བཅས་ལ་དམ་པོར་དམིགས་ནས། གྲོང་ཁྱེར་ཡོངས་ཀྱི་སྤྱི་པའི་རོལ་རྩེད་ཁང་ཆེ་གྲས་དང་། ཕྱོགས་བསྡུས་འདུ་འཛོམས་ཁུལ་ཆེ་གྲས། མགྲོན་ཁང་སོགས་མི་སྣ་འདུ་འཛོམས་ཆེ་བའི་ཁུལ་དུ་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ་རེད། རྫོང(ཆུས)མེ་ཟོན་རུ་ཆེན་གྱིས་ཀྱང་དུས་མཉམ་དུ་ཁོངས་གཏོགས་ཁུལ་གྱི་རོལ་རྩེད་ཁང་དང་སྡེབ་ལ་བོགས་མར་བླངས་པའི་ཁང་པ་སོགས་སུ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་རེད། མཚན་མོ་ཞིབ་བཤེར་བྱེད་རིང་། ཞིང་བཤེར་ཚོགས་ཆུང་ཁག་གིས་རོལ་རྩེད་ཁང་ཁག་གི་མེ་ཟོན་བདེ་འཇགས་དོ་དམ་དང་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་ཐུབ་མིན་དང་། མེ་ཟོན་སྒྲིག་བཀོད་ཡོ་བྱད་བླང་བྱ་ལྟར་སྒྲིག་སྦྱོར་བྱས་ཡོད་མེད་དང་འཐུས་ཚང་ནུས་ཆེ་ཡིན་མིན། ཁ་འགྲེམས་བགྲོད་ལམ་དང་བདེ་འཇགས་ཐོན་སྒོ་བཀོད་སྒྲིག་ཚད་ལྡན་ཡིན་མིན་དང་ཤར་བགྲོད་ཐུབ་མིན། མེ་ཟོན་ཚོད་འཛིན་ཁང་གི་ལས་རེས་མི་སྣ་ལས་གནས་ཐོག་ཡོད་མེད་དང་བཀོལ་སྤྱོད་སྒྲིག་སྲོལ་ཡག་པོ་སྤྱོད་ཤེས་མིན་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱས་ཏེ་ཤེས་རྟོགས་ཐུབ་པའི་མེ་ཟོན་གྱི་མངོན་མེད་རྐྱེན་ངན་དང་མེ་ཟོན་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ནས། ཞིབ་བཤེར་ཚོགས་ཆུང་ཁག་གིས་རོལ་རྩེད་ཁང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བཅོས་སྒྲིག་ཚད་གཞི་དང་། བཅོས་སྒྲིག་དུས་བཀག བཅོས་སྒྲིག་བྱ་ཐབས་བཅས་ཁ་གསལ་བཟོས་པ་དང་འབྲེལ། ཁྲིམས་བཞིན་བཅའ་ཁྲིམས་ཀྱི་ཡིག་རིགས་སྤྲད་དེ་བཅོས་སྒྲིག་བྱ་རྒྱུའི་སྐུལ་འདེད་བཏང་བ་རེད། དེ་དང་ཆབས་ཅིག་ཚན་པ་ཁག་གིས་མེ་ཟོན་བདེ་འཇགས་ལས་དོན་ལ་མཐོང་ཆེན་བྱས་ནས་ལོ་མཇུག་དང་དུས་ཆེན་ཁག་རིང་གི་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ལས་མིའི་མེ་ཟོན་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་མེ་ཟོན་བདེ་འཇགས་འཕྱུག་པ་གཏན་ནས་མི་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

གྲོང་ཁྱེར་ཡོངས་ཀྱིས་ཞིབ་བཤེར་ཚོགས་ཆུང་22དང་ཞིབ་བཤེར་མི་སྣ་88་མངགས་ནས་ཚན་པ་137ལ་ཞིབ་བཤེར་བྱས་པ་བརྒྱུད། མེ་སྐྱོན་མངོན་མེད་རྐྱེན་ངན་283ཤེས་རྟོགས་ཐུབ་པ་དང་། ཞིབ་བཤེད་བྱ་ཡུལ་དུ་མེ་ཟོན་གྱི་མངོན་མེད་རྐྱེན་ངན་197བཅོས་སྒྲིག་བྱས་པ། བཅའ་ཁྲིམས་ཡིག་རིགས་46སྤྲད་པ་རེད། གོམ་སྟབས་རྗེས་མར། ཉིང་ལག་རུ་ཁག་གིས་མེ་ཟོན་གྱི་མངོན་མེད་རྐྱེན་ངན་སེལ་བའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོཌ་མེ་ཟོན་བདེ་འཇཌ་ཀྱི་ཁོར་ཡུག་ཡག་པོ་ཞིག་ཧུར་ཐག་གཏོད་རྒྱུ་རེད།

རྒྱ་ཆེའི་གྲོང་མི་ཚོའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད། ལྷ་ས་མེ་ཟོན་ཉིང་ལག་རུ་ཁག་གིས་ཚང་མས་ཡིད་གཟབ་ངང་མེ་སྤྱོད་པ་དང་བདེ་འཇགས་ངང་གློག་སྤྱོད་དགོས་པ་དང་། རོལ་རྩེད་ཁང་ཁག་ཏུ་དེ་བསྟུན་གྱི་མེ་གསོད་དང་སྲོག་སྐྱོབ་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ། བདེ་འཇགས་འགྲོ་ལམ་དུ་དངོས་རྫས་མི་འཇོག་པར་མེ་ཟོན་བདེ་འཇགས་འགན་ལེན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།