《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

བཟའ་བཅའི་བདེ་འཇགས་ཞིབ་བཤེར་ལས་དོན་སྤེལ་བ།

ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཅའ་ཐོན་སྐྱེད་སྤུས་ཚད་བདེ་འཇགས་ཆེད་དོན་ཞིབ་བཤེར་གྱི་ལས་དོན་སྤེལ་བ་དང་། གཙོ་གནད་ཐོན་སྐྱེད་ཁེ་ལས་ཁག་ལ་ཆེད་དོན་ཞིབ་བཤེར་དང་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་ཚུལ་ལ་ལྟ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་སྦྲགས། ཁེ་ལས་5ལ་སྐོང་འདྲི་བྱས་ནས། ཁེ་ལས་ཀྱི་འགན་འཁུར་བར་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་སེལ་བ། བཟའ་བཅའ་ཐོན་སྐྱེད་བདེ་འཇགས་ཀྱི་འགག་སྒོ་ཏན་ཏིག་སྲུང་བ། ལག་ཁྱེར་དང་འཛིན་ཤོག་ལེན་པ་དང་དེ་བཞིན་ཟོག་འདྲེན་དཔྱད་བཤེར་ལམ་ལུགས་དོན་འཁྱོལ་ནན་ཏན་བཅས་བྱས་ནས། ཐོན་རྫས་ཀྱི་སྤུས་ཚད་ཚད་ལོན་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།