《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྤྱི་བསྒྲགས།

ཨང་དང་པོ།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པས་2020ལོའི་ཟླ་1ཚེས་11ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གསབ་འདེམས་གནང་བ་རེད། ད་ལྟ་མཚན་ཐོ་ཁྱབ་བསྒྲགས་བྱ་རྒྱུ་གཤམ་གསལ།

ཨུ་ཡོན།(རྒྱ་ཡིག་གི་རུས་མིང་པིར་རིས་མང་ཉུང་ལྟར་བསྒྲིགས)

ཝང་ནེང་ཧྲེང་།(རྒྱ་རིགས) ཞང་ཧེང་།(རྒྱ་རིགས) སྟོབས་ཆེན། ཏང་ཅིང་།(བུད་མེད། རྒྱ་རིགས) ཞུས་ཧྥེ།(བུད་མེད། རྒྱ་རིགས)

ཨང་གཉིས་པ།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པས་2020ལོའི་ཟླ་1ཚེས་11ཉིན་ཝང་ཝེ་ཏུང་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་པ་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན།

2020ལོའི་ཟླ་1ཚེས་11ཉིན།

ཨང་གསུམ་པ།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པས་2020ལོའི་ཟླ་1ཚེས་11ཉིན་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ་བརྒྱུད་ལུའུ་ཐའོ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལ་བདམས་པ་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས།